Question 1
Use of blog ?
བྲི་སྒོ་ཟེར་མི་འདི་ ཡོངས་འབྲེལ་ནང་ལུ་ མི་ངོམ་རང་རྐྱང་དང་ལས་སྡེ་ཚུ་གིས་ དུས་རྒྱུན་གྱི་དོན་ཚན་ཚུ་ ཡོངས་འབྲེལ་ནང་ལུ་ བཏང་དོ་ཡོདཔ་ཨིན།
བྲི་སྒོ་འདི་ དོན་དག་ལེ་ཤ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས།
༡༽ རང་སོའི་ བསམ་འཆར་དང་ཉམས་མྱོང་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་འཐོབ། དེ་ཡང་ གནད་དོན་གཅིག་གི་སྐོར་ལས་ དེ་གུ་ རང་གི་བསམ་འཆར་དང་ཉམས་མྱོང་ཚུ་ མི་སྡེ་ལུ་སླབ་ཞིནམ་ལས་ རང་ལུ་སྐྱོན་ཡོན་ ཡོད་མི་ཚུ་ བཅོ་ཁ་རྐྱབ་བྱིན་འོང་།
༢༽ མི་སྡེ་དང་གཅིག་ཁར་ མཐུན་འབྲེལ་བཟོ་ནི་ལུ་ ཕན་ཐོག་ཡོད། དེ་ཡང་ རང་གི་ བྲི་སྒོ་ལག་ལེན་འཐབ་སྟེ་ མི་སྡེ་གིས་གནས་ཚུལ་དང་ ཁོང་གི་ཚོང་འབྲེལ་ལུ་ རྒྱབ་སྐྱོར་འབད་བའི་ཐོག་ལས་ མཐོང་སྣང་དང་ཡིག་ཐོག་ལུ་ བྲི་སྟེ་ ཁྱབ་སྤེལ་འབད་མི་ལུ་བརྟེན་ མི་སྡེ་གིས་ ངོ་ཤེས་དང་ མཐུན་ལམ་བཞག་ནི་ལུ་ ཕན་ཐོགས་ཡོད།
༣༽ ཤེས་ཡོན་སྦྱང་ནི་ལུ་ཕན་ཐོགས་ཡོད། དེ་ཡང་ ཤེས་ཡོན་སྦྱང་ནི་གི་ ཐོན་ཁུངས་ཚུ་ཡོདཔ་ལས་ སློབ་སྟོན་དང་ལམ་སྟོན་ དེ་ལས་ གཞན་ཡང་དུས་ཚོད་དང་ རང་དབང་གི་ཐོག་ལས་ ལྷབ་སྦྱང་འབད་ནི་ལུ་ ལག་ལེན་འཐབ་བཏུབ་པའི་ ལག་ཆས་ཅིག་ཨིན།
Comments
Post a Comment