Question 2

/ Explain the concept of the learning style? How do we must adapt the learning style? Which learning style is best for teaching primary children? why? design learning activities using different learning styles- VAK ལྷབ་སྦྱང་འབད་ཐངས་ཟེར་བའི་དོན་འདི་ མི་ངོམ་རང་རང་སོ་སོའི་ ལྷབ་སྦྱང་འབད་ཐངས་དང་ གནས་ཚུལ་གི་བྱ་རིམ་ གོ་བ་བརྡ་སྟོན་འབད་ནི་གི་ ཐབས་ལམ་མ་འདྲཝ་ཚུ་ སྟོན་བྱིནམ་ཨིན། དེ་ཡང་ ༡༽ མཐོང་བྱ་ལྷབ་སྦྱང་ནང་ པར་སྟོན་ཐོག་ལས་ ལྷབ་མི་ཚུ་གིས་ པར་རིས་དང་ ཤོག་ཁྲམ་དེལས་ སྦྱརA་པར་ཚུ་ དངོས་སུ་མཐོང་ཚུགས་པའི་ སྒོ་ལས་ ལེགས་ཤོམ་སྦེ་ ལྷབ་སྦྱང་འབད་ཚུགས། ༢༽ ཐོས་བྱ་ལྷབ་སྦྱང་ནང་ ལྷབ་སྦྱང་འབད་བའི་སྐབས་ གསལ་བཤད་དང་གྲོས་བསྡུར་ དེ་ལས་ སྒྲ་གཟུང་ཚུ་ ཉན་ཐོག་ལས་ ལྷབ་སྦྱང་ལེགས་ཤོམ་འབད་ཚུགས། ༣༽ སྒུལ་སྐྱོད་ལྷབ་སྦྱང་ནང་ ལག་ལེན་དངོས་སུ་ འཐབ་ཐོག་ལས། དཔེར་ན་ སྔོན་བརྟག་འབད་ནི། Hand on experience འབད་ཐོག་ལས་ ལྷབ་སྦྱང་འབད་ཚུགས། VAK འདི་ སྦྱང་བ་འབད་ཐངས་ མ་འདྲཝ་ཚུ་དང་བསྟུན་ཏེ་ སྦྱང་བ་འབད་ནིའི་ ཐབས་ལམ་འདི་ སྟབས་བདེ་རླགས་ཅིག་ཨིན། དེ་ནང་ལུ་ མཐོང་བྱའི་སྒོ་ལས་ ལྷབ་མི་ཚུ་ པར་སྟོན་ཐོག་ལས་ལྷབ་ནིའི་ ཐབས་ལམ་འདི་ པར་རིས་དང་ ལོ་ཚིག་དེ་ལས་ གློག་བརྙན་ཚུ་ལག་ལེན་འཐབ་དགོ། ཐོས་བྱའི་སྒོ་ལས་ལྷབ་མི་ཚུ་ གྲོས་བསྡུར་དང་ ཚིག་གི་གསལ་བཤད་ཚུ་ལག་ལེན་འཐབ་དགོ། དེ་ལས་ སྐད་ཤུགས་སྦེ་ལྷབ་ནི་ལུ་ སེམས་ཤུགས་བྱིན་དགོ། འགུལ་བསྐྱོད་ཐོག་ལས་ ལྷབ་སྦྱང་འབད་མི་ཚུ་ ལག་ལེན་དངོས་འཐབ་འབད་དགོ། དངོས་སུ་སྦེ་ ཚོར་ནི་དང་ལག་ལེན་ དངོས་འཐབ་ཀྱི་ཅ་ཆས་ཚུ་བྱིན་དགོ། ག་ཅི་འབད་ཟེར་བ་ཅིན་ དེ་ཚུ་ལག་ལེན་འཐབ་པ་ཅིན་ མི་ངོམ་རང་རང་སོ་སོའི་དོན་ལུ་ ལྷབ་སྦྱང་ནང་ལུ་ གོམས་གཤིགས་དང་ སེམས་ཤུགས་བསྐྱེད་བཅུགཔ་ཨིན། དེ་མ་ཚད་ སློབ་ཕྲུག་ཁོང་ར་དང་མཐུན་པའི་ སྦྱོང་བརྡར་ཚུ་ བྱིན་ཚུགསཔ་ཨིན། ག་ཅི་སྦེ་ཟེར་བ་ཅིན་ འདི་གིས་ ཨ་ལོ་ཚུ་ ཧ་གོ་ནི་དེ་ལས་ མནོ་བསམ་གཏང་ནི་ལུ སྤྲོ་བ་བསྐྱེད་ནི་དང་ཆ་རོགས་འབདཝ་ཨིན། སློབ་གྲྭ་ཆུང་བའི་ཨ་ལོ་ཚུ་ལུ་ སློབ་སྟོན་འབད་བའི་སྐབས་ ཐབས་ལམ་མ་འདྲཝ་ཚུ་ ལག་ལེན་འཐབ་ནི་འདི་ ལེགས་ཤོམ་ཅིག་ཨིན། ག་ཅི་སྨོ་ཟེར་བ་ཅིན་ ཨ་ལོ་ཚུ་གིས་ ཐབས་ལམ་མ་འདྲཝ་ཚུ་ ལག་ལེན་འཐབ་སྟེ་ ལྷབ་དོ་ཡོདཔ་ཨིན་མས། ༡ མཐོང་བྱ་ལྷབ་སྦྱང་འབད་མི་ཚུ་: མཐོང་ཚུགས་པའི་ཐོག་ལས་སྦྱོང་བརྡར་འབདཝ་ཨིན། དཔེར་ན། པར་དང་ གློག་བརྙན་ དེ་ལས་ པར་རིས་ཚུ་ལག་ལེན་འཐབ་དགོ། ༢ རྣ་ཉན་གྱི་སྦྱོང་བརྡར་འབད་མི་ཚུ་ རྣ་ཉན་ཐོག་ལས་སྦྱོང་བརྡར་འབདཝ་ཨིན། གླུ་དབྱངས་དང་ ལོ་རྒྱུས་དང་ གྲོས་བསྡུར་ཚུ་ལག་ལེན་འཐབ་དགོ། ༣ འགུལ་བསྐྱོད་ལྷབ་སྦྱང་འབད་ཐོག་ལས་ལྷབ་ཚུགས། དེ་ཡང་ལག་རྩལ་དང་ ལག་ལེན་དངོས་འཐབ་དགོ། ༤ ལྷག་ནི་/འབྲི་ནི་ལྷབ་མི་ཚུ་**: ལྷབ་ནི་དང་འབྲི་ཐོག་ལས་ལྷབ་དགོ། དེ་ཡང་ དཔེ་དེབ་དང་ འབྲི་ནིའི་སྦྱོང་བརྡར་ཚུ་ལག་ལེན་འཐབ་དགོ། ཐབས་ཤེས་འདི་ཚུ་ གཅིག་ཁར་བསྡོམ་པ་ཅིན་ ཨ་ལོ་ག་ར་གིས་ ལེགས་ཤོམ་སྦེ་ལྷབ་ཚུགས། མཐོང་བྱའི་ལྷབ་སྦྱང་གི་སྦྱོང་ལཱ། དཔེ། པར་བྲི་ཐོག་ལས། ཐོས་བྱའི་ལྷབ་སྦྱང་གི་སྦྱོང་ལཱ། དཔེ། སྲུང་ཉན་བཅུག་ནི། སྒུལ་སྐྱོད་ལྷབ་སྦྱང་གི་སྦྱོང་ལཱ། དཔེ། སྦྱར་པར་བཟོ་ཐོག་ལས་ ལྷབ་སྦྱང་འབད་བཅུག་ནི། སློབ་གྲྦ་ཆུང་བའི་ ཨ་ལོ་ཚུ་གི་དོན་ལུ་ ༡༽ ཕན་ཚུན་འབྲེལ་བའི་བཤུད་བརྙན་ པར་དང་དྲི་བ་ དེ་ལས་ མཐོང་སྣང་ཚུ་ (PPT) ཡང་ན་ (Goggle slides) ཚུ་ལག་ལེན་འཐབ་དགོ། ༢༽ ཤེས་རིག་དང་འབྲེལ་བའི་ རྩེདམོ་ དཔེར་ན་ apps kahoot to play fun, learning games ༣༽ སྲུང་གཏང་སྟེ་ཡོད་པའི་གློག་བརྙན་ དཔེར་ན་ ཆོས་ཚན་དང་འབྲེལ་བ་ཡོད་པའི་བཤུལ་བརྙན་ཚུ་སྟོན་དགོ། དེ་གིས་ཨ་ལོ་ཚུ་ལྷབ་སྦྱང་ འབད་ནི་ལུ་ སྤྲོ་བ་དང་བཅའ་མར་ལེགས་ཤོམ་སྦེ་གཏོགས་ཚུགསཔ་ཨིན།

Comments

Popular posts from this blog

Question 1