Posts
Question 4 video tutorial
- Get link
- X
- Other Apps
གློག་བརྙན་ལམ་སྟོན་ཟེར་མི་འདི་ ག་ཅི་ར་འབད་རུང་ བཀོད་རིས་དང་ལྷབ་མི་ཚུ་གི་དོན་ལུ་ ཁུངས་དང་རྒྱུ་མཚན་ཚུ་ཧིང་སང་ས་སྦེ་ མིག་གི་མཐོང་སྟེ་ ལྷབ་སྦྱང་འབད་ནི་ལུ་ འཇམ་ཏོང་ཏོ་སྦེ་འོངམ་ཨིན། དེ་མ་ཚད་ དོན་ཚན་ཚུ་རྒྱ་ཆེ་དྲག་སྦེ་ ཧ་གོ་ནི་དང་ ལཱ་ཚུ་ག་དེ་སྦེ་ འབད་ནི་ཨིན་ན་ གོ་རིམ་ཚུ་བཏོན་མི་ལུ་སླབ་ཨིན། གློག་བརྙན་ལམ་སྟོན་འདི་ སློབ་ཁང་ནང་ལྷབ་སྦྱང་གི་དོན་ལུ་དགོ་པས། ག་ཅི་སྦེ་ཟེར་བ་ཅིན་ ༡༽ མཐོང་བྱ་ལྷབ་སྦྱང་འབད་ཚུགསཔ་ལས་ འདི་གིས་ཨ་ལུ་ཚུ་ ནང་དོན་ཧ་གོ་ནི་ལུ་འཇམ། ༢༽ སློབ་ཕྲུག་ཚུ་ལུ་ ལོག་ཅི་ར་བལྟ་ནི་དང་ཉན་ནི་གིས་གོ་སྐབས་ཐོབ་ཚུགས། ༣༽ གློག་བརྙན་ལམ་སྟོན་གྱི་ ཨ་ལུ་ཚུ་སྤྲོ་བ་དང་གྲལ་གཏོགས་ཡོདཔ་སྦེ་བཟོཝ་ཨིན། ༤༽ ཨ་ལུ་ཚུ་ སློབ་ཁང་ནང་ག་ཅི་ར་ལྷབ་ཅི་ག་ དེ་ལས་སྦྱང་བ་ཡང་ཐེབ་སྦེ་ཐོབ་ཚུགས།
Question 5 Artificial intelligence (བཅོས་མིའི་རིག་པ།)
- Get link
- X
- Other Apps
explain the artificial intelligence in your own words. elucidate the importance of the AI in teaching and learning? Using an auto draw AI, create an imaginative town or village with text, use of inbuilt shapes or customize drawing of the shapes, pictures of your imaginative or fantacy village. Ans: བཅོས་མིའི་རིག་པ་ ཟེར་མི་འདི་ འཕྲུལ་རིག་ལུ་དམིགས་གཏད་བསྐྱེད་དེ་ ལཱ་ག་ཅི་ར་འབད་རུང་འཕྲུལ་གི་འཇམ་ཏོང་ཏོ་སྦེ་བཟོ་བྱིནམ་ཨིན་རུང་ ངོ་མ་འདི་མིའི་རིག་པ་གཡོག་དགོ་མི་ལུ་སླབ་ཨིན་མས། དེ་ཡང་ གློག་རིག་ལྷབ་སྦྱང་གི་ དཔེ་རིས། གནས་སྡུད། གྲོས་ཐག་བཅད་ནི་དང་ ད་རུང་ཁ་སྐད་ཧ་གོ་ནི་ཚུ་ངོས་འཛིན་འབདཝ་ཨིན། བཅོས་མིའི་རིག་པ་འདི་གིས་ བརྟག་དཔྱད་ཚུ་རྒྱ་ཆེཝ་འབད་ གནས་ཚུལ་ཡང་མགྱོགས་པ་འཐོབ་ཚུགས་ནི་དང་ འབྲེལ་མཐུན་བཟོ་ནི་ཚུ་ གནས་སྟངས་དང་བསྟུན་ག་ཅི་ལྷབ་ཨིན་ན་ ཧ་གོ་ཚུགས། དཔེར་ན། བཅོས་མའི་རིག་པ་གིས་ ང་བཅས་ཚུ་ག་ཅི་ལྷབ་ནི་ཨིན་ན? ག་ཅི་བལྷ་ནི་ཨིན་ན་? རྒྱབ་སྣོན་འབད་དེ འདི་ནང་ལས་ཡང་ བཅོས་མིའི་རིག་པ་གི་ འཕྲུལ་གྱི་ མནོ་བསམ་གཏང་ནི་ དང་ ལྷབ་སྦྱང་འབད་ཐངས་ ཚུ་མི་དང་ཅོག་འཐདཔ་ཨིན། ག་ཅི་སྦེ་ བཅོས་མིའི་རིག་པ་འདི་ སློབ་སྟོན་དང་ལྷབ་སྦྱང་ལུ་ ཁག་ཆེཝ...
Question 3
- Get link
- X
- Other Apps
Design or create digital teaching/learning materials on teaching concepts using integration of technologies that can be used for primary children using any appropriate learning preferences? སློབ་གྲྦ་ཆུང་བའི་ ཨ་ལོ་ཚུ་གི་དོན་ལུ་ ༡༽ ཕན་ཚུན་འབྲེལ་བའི་བཤུད་བརྙན་ པར་དང་དྲི་བ་ དེ་ལས་ མཐོང་སྣང་ཚུ་ (PPT) ཡང་ན་ (Goggle slides) ཚུ་ལག་ལེན་འཐབ་དགོ། དཔེར་ན། སློབ་རིམ་དང་པའི་ཨ་ལོ་ཚུ་ལུ་ ཚོད་བསྲེ་གི་སྐོར་ལས་སྟོན་ནི་ཨིན་པ་ཅིན་ དངོས་སུ་སྦེ་མཐོང་ནིའི་དོན་ལས་ ངོ་མ་སྦེ་འབག་མ་ཚུགས་རུང་ ppt དང་དེ་ལས་གློག་མཐུང་ཚུ་ལས་སྟོན་ནི་ཨིན། འདི་གིས་ཁོང་ལུ་ བདེན་འཛིན་དང་མིང་ཤེས་ཚུགས་པའི་ཕན་པ་ཡོད། ༢༽ ཤེས་རིག་དང་འབྲེལ་བའི་ རྩེདམོ་ དཔེར་ན་ ཨ་ལོ་ཚུ་དབངམོ་མ་ངལ་བ་བཞག་ཐབས་ལུ་ རྩེདམོ་གི་ཐོག་ལས་དཔེ་ཆ་ དཔེར་ན་ ཨ་ལོ་ཚུ་ལུ་ཤིང་འབྲས་ཀྱི་སྐོར་ལས་སྟོནནི་ཨིན་པ་ཅིན་ ཁོང་ཚུ་ལུ་ཤིང་འབྲས་རེ་རེ་སྤྲོད་དེ་ ག་ཅི་ཨིན་ན་ བཤད་པ་རྐྱབ་བཅུག་ནི་ཨིན། ༣༽ སྲུང་གཏང་སྟེ་ཡོད་པའི་གློག་བརྙན་ དཔེར་ན་ ཆོས་ཚན་དང་འབྲེལ་བ་ཡོད་པའི་བཤུལ་བརྙན་ཚུ་སྟོན་དགོ། དེ་ཡང་དཔེར་ན་ ཨ་ལོ་ཚུ་དོན་ཚན་ཧ་མ་གོ་བ་ཡོད་པ་ཅིན་ དོན་ཚན་འདིའི་ཐོག་ལུ་གློག་ཐུང་སྟོན་ནི་ཨིན། དེ་གིས་ཨ་ལ...
Question 1
- Get link
- X
- Other Apps
Use of blog ? བྲི་སྒོ་ཟེར་མི་འདི་ ཡོངས་འབྲེལ་ནང་ལུ་ མི་ངོམ་རང་རྐྱང་དང་ལས་སྡེ་ཚུ་གིས་ དུས་རྒྱུན་གྱི་དོན་ཚན་ཚུ་ ཡོངས་འབྲེལ་ནང་ལུ་ བཏང་དོ་ཡོདཔ་ཨིན། བྲི་སྒོ་འདི་ དོན་དག་ལེ་ཤ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས། ༡༽ རང་སོའི་ བསམ་འཆར་དང་ཉམས་མྱོང་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་འཐོབ། དེ་ཡང་ གནད་དོན་གཅིག་གི་སྐོར་ལས་ དེ་གུ་ རང་གི་བསམ་འཆར་དང་ཉམས་མྱོང་ཚུ་ མི་སྡེ་ལུ་སླབ་ཞིནམ་ལས་ རང་ལུ་སྐྱོན་ཡོན་ ཡོད་མི་ཚུ་ བཅོ་ཁ་རྐྱབ་བྱིན་འོང་། ༢༽ མི་སྡེ་དང་གཅིག་ཁར་ མཐུན་འབྲེལ་བཟོ་ནི་ལུ་ ཕན་ཐོག་ཡོད། དེ་ཡང་ རང་གི་ བྲི་སྒོ་ལག་ལེན་འཐབ་སྟེ་ མི་སྡེ་གིས་གནས་ཚུལ་དང་ ཁོང་གི་ཚོང་འབྲེལ་ལུ་ རྒྱབ་སྐྱོར་འབད་བའི་ཐོག་ལས་ མཐོང་སྣང་དང་ཡིག་ཐོག་ལུ་ བྲི་སྟེ་ ཁྱབ་སྤེལ་འབད་མི་ལུ་བརྟེན་ མི་སྡེ་གིས་ ངོ་ཤེས་དང་ མཐུན་ལམ་བཞག་ནི་ལུ་ ཕན་ཐོགས་ཡོད། ༣༽ ཤེས་ཡོན་སྦྱང་ནི་ལུ་ཕན་ཐོགས་ཡོད། དེ་ཡང་ ཤེས་ཡོན་སྦྱང་ནི་གི་ ཐོན་ཁུངས་ཚུ་ཡོདཔ་ལས་ སློབ་སྟོན་དང་ལམ་སྟོན་ དེ་ལས་ གཞན་ཡང་དུས་ཚོད་དང་ རང་དབང་གི་ཐོག་ལས་ ལྷབ་སྦྱང་འབད་ནི་ལུ་ ལག་ལེན་འཐབ་བཏུབ་པའི་ ལག་ཆས་ཅིག་ཨིན།
Question 2
- Get link
- X
- Other Apps
/ Explain the concept of the learning style? How do we must adapt the learning style? Which learning style is best for teaching primary children? why? design learning activities using different learning styles- VAK ལྷབ་སྦྱང་འབད་ཐངས་ཟེར་བའི་དོན་འདི་ མི་ངོམ་རང་རང་སོ་སོའི་ ལྷབ་སྦྱང་འབད་ཐངས་དང་ གནས་ཚུལ་གི་བྱ་རིམ་ གོ་བ་བརྡ་སྟོན་འབད་ནི་གི་ ཐབས་ལམ་མ་འདྲཝ་ཚུ་ སྟོན་བྱིནམ་ཨིན། དེ་ཡང་ ༡༽ མཐོང་བྱ་ལྷབ་སྦྱང་ནང་ པར་སྟོན་ཐོག་ལས་ ལྷབ་མི་ཚུ་གིས་ པར་རིས་དང་ ཤོག་ཁྲམ་དེལས་ སྦྱརA་པར་ཚུ་ དངོས་སུ་མཐོང་ཚུགས་པའི་ སྒོ་ལས་ ལེགས་ཤོམ་སྦེ་ ལྷབ་སྦྱང་འབད་ཚུགས། ༢༽ ཐོས་བྱ་ལྷབ་སྦྱང་ནང་ ལྷབ་སྦྱང་འབད་བའི་སྐབས་ གསལ་བཤད་དང་གྲོས་བསྡུར་ དེ་ལས་ སྒྲ་གཟུང་ཚུ་ ཉན་ཐོག་ལས་ ལྷབ་སྦྱང་ལེགས་ཤོམ་འབད་ཚུགས། ༣༽ སྒུལ་སྐྱོད་ལྷབ་སྦྱང་ནང་ ལག་ལེན་དངོས་སུ་ འཐབ་ཐོག་ལས། དཔེར་ན་ སྔོན་བརྟག་འབད་ནི། Hand on experience འབད་ཐོག་ལས་ ལྷབ་སྦྱང་འབད་ཚུགས། VAK འདི་ སྦྱང་བ་འབད་ཐངས་ མ་འདྲཝ་ཚུ་དང་བསྟུན་ཏེ་ སྦྱང་བ་འབད་ནིའི་ ཐབས་ལམ་འདི་ སྟབས་བདེ་རླགས་ཅིག་ཨིན། དེ་ནང་ལུ་ མཐོང་བྱའི་སྒོ་ལས་ ལྷབ་མི་ཚུ་ པར་སྟོན་ཐོག་ལས་ལྷབ་ནིའི་ ཐབས་ལམ་འདི་ པར་རིས་དང་ ལོ་ཚིག་དེ་ལས...